標籤
2014/11/30初版;2021/03/21修訂(變更字體;藏文改採泰式分散對齊,並嵌入ཏྲེ་ཧོར།版四家合注)
論之本文——p. 39008
如〈聲聞地〉云:「問,此中幾種補特伽羅,即於現法樂往世間道非出世道。答,略有四種:一、一切外道;二、於正法中根性鈍劣先修止行;三、根性雖利善根未熟;四、一切菩薩樂當來世證大菩提非於現法。」
p. 39011
tib. p. 55116
ཉན་ས་ལས། དེ་ལ་གང་དག་ཚེ་འདི་ལ་འཇིག་རྟེན་པའི་ལམ་ཁོ་ནས་འགྲོ་བར་འགྱུར་ཞིང་འཇིག་རྟེན་ལས་འདས་པའི་ལམ་གྱིས་མ་ཡིན་པའི་གང་ཟག་དུ་ཡོད་ཅེ་ན། སྨྲས་པ། བཞི་སྟེ། འདི་ལྟ་སྟེ། འདི་ལས་ཕྱི་རོལ་པ་ཐམས་ཅད་དང་ཆོས་འདི་པ་ཡིན་ཀྱང་། སྔོན་ཞི་གནས་སྤྱོད་སྤྱོད་པ་དབང་པོ་རྟུལ་པོ་དང་དེ་བཞིན་དུ་དབང་པོ་རྣོ་ཡང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་དང་། བྱང་ཆུབ་སེམས་དཔའ་ཕྱི་མ་ལ་བྱང་ཆུབ་ཐོབ་པར་འདོད་ཅིང་ཚེ་འདི་ལ་མ་ཡིན་པ་སྟེ། ངཞི་གནས་ལ་བརྟེན་ནས་ལམ་བགྲོད་ཚུལ་ལ། ཚེ་འདི་ལ་འཇིག་རྟེན་པའི་ལམ་གྱིས་འགྲོ་བའི་གང་ཟག་བཞི་གསུངས་པའི་ཕྱི་རོལ་པ་དང་ནང་པ་དབང་རྟུལ་གཉིས་ཀྱིས་ཚེ་དེ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་མི་འགྲོ་ཞེས་པའི་ལམ་ནི། ཞི་རགས་ཀྱི་རྣམ་པ་ཅན་ལ་འཇིག་རྟེན་པ་དང་བདེན་པའི་རྣམ་པ་ཅན་ལ་འཇིག་རྟེནལས་འདས་པར་བྱས་པ་ཡིན་ལ། དགེ་བའི་རྩ་བ་མ་སྨིན་པའི་བྱང་སེམས་དབང་རྣོན་དང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་གཉིས་ཀྱི་འཇིག་རྟེན་ལས་འདས་མ་འདས་ནི་སོ་སྐྱེའི་ལམ་ལ་འཇིག་རྟེན་པ་དང་འཕགས་པའི་ལམ་ལ་འཇིག་རྟེན་ལས་འདས་པའི་ལམ་དུ་བྱས་པ་ཡིན་པས་དོན་མི་གཅིག་གོ། ཞེས་གསུངས་པ་ལྟར་རོ།།
tib. p. 55202
論源紀錄——
T30 No. 1579
《瑜伽師地論》卷第三十三
彌勒菩薩說
三藏法師玄奘奉 詔譯
〈本地分中聲聞地第十三第四瑜伽處之一〉
問此中幾種補特伽羅。即於現法樂往世間道發起加行。非出世道。
答略有四種補特伽羅。何等為四。一一切外道。二於正法中根性羸劣先修止行。三根性雖利善根未熟。四一切菩薩樂當來世證大菩提非於現法。