標籤
2017/07/31
論之本文——p. 53103
如日共許其釋中,佛護佛子無比論。於彼善說為善說,善通達已廣解釋,謂月稱論顯句義。彼等無垢清淨宗,謂於無性如幻法,生死涅槃緣起理,作用皆成略顯說。
p. 53105
tib. p. 76816
།རྗེས་འབྲང་གང་ཟག་ཉི་མ་ལྟར་འཇིག་རྟེན་ཀུན་ལ་གྲགས་པ་དེ་ཉིད་ཡིན་ཞིང་དེ་ལྟར་གྲགས་པའི་གཞུང་དེའི་རྣམ་པར་བཤད་པ་ཀུན་གྱི་ནང་ནས་ཟླ་མེད་པར་གྱུར་པ་ནི། །རྒྱལ་བའི་མྱུ་གུ་(འདི་དག་རྒྱལ་སྲས་དང་རྒྱལ་བྱེད་སོགས་བྱང་སེམས་ཀྱི་མིང་གི་རྣམ་གྲངས་སུ་གསུངས་སོ།།) སྟེ་བྱང་ཆུབ་སེམས་དཔའ་ཆེན་པོ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གཞུང་། །འགྲེལ་པ་བུདྡྷ་པཱ་ལི་ཏ་ནི་བོད་སྐད་དུ་སངས་རྒྱས་བསྐྱངས་ཟེར་བ་ཡིན་ནོ།། འགྲེལ་པ་དེ་ཡི་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་ལྟ་བ་བཞིན་ལེགས་པར་བཤད་པ་དེ་ལ་ལེགས་བཤད་ཉིད་དུ། །ལེགས་པར་རྟོགས་ནས་འགྲེལ་པ་དེ་གཞིར་བྱས་ཏེ་རྩ་ཤེའི་དགོངས་པ་རྒྱས་པར་བཀྲལ་བ་ནི། །དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་གཞུང་བཟང་པོ་མཆོག་ཏུ་གྱུར་པ་ཚིག་དོན་གཉིས་ཀའི་སྒོ་ནས་གསལ་བ་ནི་འགྲེལ་པ་ཚིག་གསལ་ཞེས་བྱ་བ་དེའོ། །ཇརྗེ་རིན་པོ་ཆེ་ནས་ཀྱང་དེ་དག་རྣམས་ཀྱི་དེའི་ལུགས་བཤད་པ། རྩ་བ་དང་འགྲེལ་པ་དེ་ལྟར་བྱུང་བ་དེ་དག་རྣམས་ཀྱི་ནོར་བ་སོགས་ཀྱིས་དྲི་མ་གཏན་ནས་མེད་པའི་ལུགས། །ལས་བྱུང་བའི་དོན་མཆོག་ཏུ་ཟབ་པ་རྒྱལ་བའི་དགོངས་པ་ཇི་ལྟར་གནས་པ་ནི་རང་བཞིན་གྱིས་མེད་པ་སྒྱུ་མ་དང་འདྲའི་རྟེན་འབྲེལ་གྱི་དངོས་པོ་ལ། །རང་བཞིན་གྱིས་མེད་ཀྱང་འཁོར་བ་དང་མྱ་ངན་ལས་འདས་པའི་རྟེན་འབྲེལ་གྱི་བྱ་བྱེད་སྐྱེ་འགག་བཅིངས་གྲོལ་སོགས་ཐམས་ཅད་འཐད་པའི་ཚུལ། །ཇི་ལྟ་བ་བཞིན་མཐོང་ནས་རྒྱས་པ་མིན་པར་མདོར་བསྡུས་ཏེ་ཅུང་ཟད་ཙམ་ཞིག་ཤིན་དུ་གོ་བར་སླ་བའི་ངག་གིས་འདིར་བཤད་པ་ཡིན་ནོ།
tib. p. 76901
消文紀錄——
如日共許其釋中,佛護佛子無比論:如日遍照一般,《根本慧論》普為十方共許,在它的許多注疏釋論當中,尤其以大菩薩佛護論師所造的《佛護論》最為圓滿而無與倫比。
於彼善說為善說,善通達已廣解釋,謂月稱論顯句義:而對於能無倒解釋聖父子意趣的《佛護論》,能夠精確通達並且廣為清楚宣說解釋的,則是月稱論師所造的《明顯句論》。
彼等無垢清淨宗,謂於無性如幻法,生死涅槃緣起理,作用皆成略顯說:(宗大師讚歎)《佛護論》與《明顯句論》是清淨無垢染的論著,對於無自性如幻如化的緣起法,到生死涅槃的緣起作用——生滅、繫縛、解脫等——都作了如實扼要的解說。
我對這段本文之理解——
這段本文讚歎佛護月稱二大論師能無倒解釋聖父子之清淨意趣。