2018/01/16
論之本文——p. 55913
係從至尊勝士空諱(號虛空幢)聞蘭若師,傳內蘇巴及哦瓦所傳道次。又從至尊勝士賢號,(名法依賢)聞博朵瓦傳霞惹瓦及博朵瓦傳授鐸巴道次等義。教授根本《道炬論》中,唯除開示三士總相,餘文易解故未全引。以大譯師(具慧般若)及卓壟巴父子所著道次為本,並攝眾多道次要義,圓滿道分易於受持,次第安布無諸紊亂。雪山聚中闢道大轍,於無量教辯才無畏,如理正行經論深義,能發諸佛菩薩歡喜,最為希有摩訶薩,至尊勝士睿達瓦等,(號童慧)頂戴彼諸尊長足塵。
p. 56006
tib. p. 81220
ཇགསུམ་པ་བཤེས་གཉེན་ཕུན་སུམ་ཚོགས་པ་ལས་གསན་པ་རྗེ་བཙུན་དམ་པ་ལྷོ་བྲག་མཁན་ཆེན་ནམ་ནཁའ་རྒྱུལ་མཚན་ཞེས་བྱ་བའི་མཚན་ཅན་དེ་ལ་དགེ་བའི་བཤེས་གཉེན་ཆེན་པོ་དགོན་པ་པ་ནས་སྣེའུ་ཟུར་བ་ལ་བརྒྱུད་པའི་ལམ་གྱི་རིམ་པ་དང་། བཤེས་གཉེན་ཆེན་པོ་སྤྱན་སྔ་པ་ནས་བརྒྱུད་པའི་ལམ་གྱི་རིམ་པ་གཉིས་ཐོས་ཤིང་ཡང་རྗེ་བཙུན་དམ་པ་ཀུན་མཁྱེན་ཆོས་སྐྱབས་བཟང་པོ་ཞེས་པའི་མཚན་གྱི་མཐར་བཟང་པོ་ཞེས་པ་ཡོད་པས་བཟང་པའི་མཐའ་ཅན་དེ་ཉིད་ལ། དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ་ནས་ཤ་ར་བ་ལ་བརྒྱུད་པའི་ལམ་རིམ་དང་། བཤེས་གཉེན་པོ་ཏོ་བ་ནས་དགེ་བཤེས་དོལ་པ་ལ་བརྒྱུད་པའི་ལམ་གྱི་རིམ་པ་གཉིས་ཐོས་པ་དང་བཅས་པ་རྣམས་ཀྱི་དོན་དེ་ཉིད་བརྗོད་བྱ་སྐྱེས་བུ་གསུམ་གྱི་གདམས་ངག་འདི་སྟོན་པའི་རྗོད་བྱེད་ཀྱི་གཞུང་། བྱང་ཆུབ་ལམ་སྒྲོན་གྱི་གཉུང་གི་གང་ནས་སྐྱེས་བུ་གསུམ་གྱི་སྤྱིའི་མཚན་ཉིད་སྟོན་པ་ཙམ་གྱི་ཚིག་མ་གཏོགས་པའི་ཚིག་གཞན་རྣམས་ཀྱི་དོན་གོ་སླ་བ་ལ་བསམས་ནས་འདིར་ཁུངས་སུ་མ་དྲངས་པར། ལོ་ཙཱ་བ་ཆེན་པོ་དང་གྲོ་ལུང་པ་ཡབ་སྲས་ཀྱི་ལམ་རིམ་གྱི་སྤྱིའི་ཁོག་སྒྲིགས་ལུགས་རྣམས་ལ་གཞི་བྱས་ནས་གཞན་ཡང་བཤེས་གཉིན་དུ་མས་མཛད་པའི་ལམ་རིམ་དུ་མ་ནས་འཁྲིད་ཚུལ་གྱི་གནད་རྣམས་བསྡུས་ཏེ། ཁ་བཀང་སྟེ་མ་གཞིའི་ལམ་གྱི་ཆ་ཡོངས་སུ་རྫོགས་པར་ཚང་ལ་སྟན་ཐོག་གཅིག་ཏུ་སྒྲིལ་ཆོག་པས་ཁྱེར་བདེ་ཞིང་། ལམ་གྱི་སྔ་ཕྱིའི་གོ་རིམ་མ་འཁྲུགས་པར་ལམ་གྱི་སྐྱེ་ཚུལ་གྱི་རིམ་པ་ཇི་ལྟ་བར་བཀོད་པའི་བསྟན་བཅོས་ཁྱད་པར་ཅན་འདི་ནི། གངས་རིའི་ཁྲོད་ཀྱི་རྒྱལ་བའི་བསྟན་པའི་སྲོལ་སྔ་ན་མེད་པ་དར་བར་མཛད་པའི་ཤིང་རྟ་ཆེན་པོར་གྱུར་པ། ཐུབ་པའི་གསུང་རབ་རབ་འབྱམས་མཐའ་ཡས་པའི་གནད་ལ་ངེས་པའི་གདེངས་ཐོབ་པས་མཁས་མང་རྒྱ་མཚོ་ཆེན་པོ་འདུས་པའི་དབུས་ན་འཆད་རྩོད་རྩོམ་པ་སོགས་ལ་མི་འཇིགས་པའི་སྤོབས་པ་གཏུགས་པ་མེད་པའི་སྒོ་ནས་འཇུག་པའི་དགེ་བ་ཅན་གཞུང་ལུགས་ཆེན་མོ་རྣམས་ཀྱི་དོན་ཚིག་ཙམ་དུ་མ་བཞག་པར་ཚུལ་བཞིན་དུ་བསྒྲུབས་པའི་སྒོ་ནས་ཉམས་ལེན་སྙིང་པོར་མཛད་པས། རྒྱལ་བ་སྲས་བཅས་དགྱེས་པ་བསྐྱེད་པའི་རྒྱལ་བས་སྒོ་དུ་མ་ནས་བསྔགས་པའི་གནས་སུ་གྱུར་པའི་རྨད་དུ་བྱུང་བའི་སེམས་དཔའ་ཆེན་པོ་མཚན་རྗེ་བཙུན་དམ་པ་རེད་མདའ་བ་ཞེས་བྱ་བར་གྲགས་པ་དེ་ལ་སོགས་པའི་བླ་མ་དམ་པ་མཁས་ཤིང་གྲུབ་པ་བརྙེས་པ་རྣམས་ཀྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་པཇའི་སྒོ་ནས་ཚུལ་བཞིན་དུ་བསྟེན་པས་མདོ་རྒྱུད་ཀྱི་གསུང་རབ་དགོངས་འགྲེལ་མན་ངག་དང་བཅས་པ།
tib. p. 81308
消文紀錄——
係從至尊勝士空諱(號虛空幢)聞蘭若師,傳內蘇巴及哦瓦所傳道次:我是從至尊勝士虛空幢聽受阿蘭若師傳給內鄔蘇巴和慬哦瓦所傳出來的道次第教授。
又從至尊勝士賢號(名法依賢)聞博朵瓦傳霞惹瓦及博朵瓦傳授鐸巴道次等義:又從至尊勝士法依賢聽受博朵瓦傳給霞惹瓦,及博朵瓦傳給鐸巴的道次第教授。
教授根本《道炬論》中,唯除開示三士總相,餘文易解故未全引:至於教授根本《道炬論》,我只引用有關三士道的總相部分,其他內容因為很容易理解,所以沒有全部引用。
以大譯師(具慧般若)及卓壟巴父子所著道次為本:而我造論是以大譯師哦勒比協饒和卓壟巴父子所造的道次為基礎。
並攝眾多道次要義,圓滿道分易於受持,次第安布無諸紊亂:並且彙集許多道次第的要義,所以道軌支分圓滿,容易受持,次第的安排也毫不紊亂。
雪山聚中闢道大轍,於無量教辯才無畏:雪域中的大車軌,通達無量教典,辯才無礙。
如理正行經論深義,能發諸佛菩薩歡喜:如理修行經論甚深義理,能令諸佛菩薩歡喜。
最為希有摩訶薩,至尊勝士睿達瓦(號童慧)等,頂戴彼諸尊長足塵:最為稀有的大菩薩至尊勝士仁達瓦等多位上師足下,我頂禮。
我對這段本文之理解——
這段本文闡述宗大師的圓滿傳承,並特別頂禮仁達瓦上師。