標籤
2017/08/31
論之本文——p. 53606
又彼學者,有作是念:「若多觀察二我相執之境,其次乃斷能執之心。如犬逐石是名由外斷截戲論,故從最初持心不散,如犬逐咬擲石之手。由修彼故,於相執境令心不散,一切戲論自內斷截。故學教理決擇正見,唯於名言漂流隨轉。」
p. 53608
tib. p. 77618
གཉིས་པ་དེའི་རྗེས་འབྲངས་དགག་པ་ལ་བརྒྱད་ལས། ཇདང་པོ་ཕྱིན་ཅི་ལོག་པ་སྨྲས་ཚུལ་ནི། འདི་ལ་ཡང་བོད་སྔ་མ་དེའི་ལུགས་ཀྱི་རྗེས་སུ་ཕྱོགས་ཤིང་དགའ་བ་པ་ཁ་ཅིག་ནི་འདི་སྙམ་དུ། དང་པོར་གང་ཟག་དང་ཆོས་ཀྱི་བདག་གཉིས་སུ་མཚན་མར་འཛིན་པའི་བློའི་ཞེན་ཡུལ་ལ་རིགས་པས་དཔྱོད་པ་མང་དུ་བྱས་ནས་དེ་ནས། དེའི་རྗེས་སུ་དེའི་ཡུལ་ཅན་གྱི་འཛིན་པ་མ་རིག་པ་དེ་བཟློག་པར་བྱེད་པ་དེ་འདྲ་ནི། དཔེར་ན་ཁྱི་ལ་རྡོ་རྒྱབ་པའི་ཚེ་ཁྱི་དེ་རྡོ་གར་སོང་གི་ཕྱིར་འབྲངས་ནས་རྡོ་དེ་ལ་རྨུགས་པ་དང་འདྲ་བར་ཕྱིའི་སྤྲོས་པ་གང་བྱུང་རེ་རེའི་རྗེས་སུ་གཉེན་པོ་རེ་རེས་དགག་དགོས་པའི་ཕྱིར་ན། སྤྲོས་པ་ཕྱི་ཆོད་དེ་སྤྲོས་པ་ཕྱིར་གཅོད་གང་ཐུབ་ཡིན་པས་དེ་ལས་དང་པོ་ཉིད་ནས་རང་གི་སེམས་ཉིད་ཡུལ་གང་དུ་ཡང་མི་འཕྲོ་བར་ནང་དུ་འཛིན་པ་ནི། དཔེར་ན་ཁྱི་ལ་རྡོ་འཕེན་པའི་ཚེ་ལག་མགོ་ནས་འཛིན་པར་བྱེད་ན་ཁྱིས་རྨུགས་པ་ཡང་དེ་ནས་ཐག་ཆོད་འགྲོ་བས་དེ་དང་འདྲ་བར་ནང་དུ་འཛིན་པ་དེ་བྱས་པ་ཉིད་ཀྱིས་མཚན་མར་འཛིན་པའི་ཡུལ་དེ་དག་ལ་རང་གི་སེམས་མི་འཕྲོ་བ་ནི་སྤྲོས་པ་ཐམས་ཅད་ནང་ནས་གཅོད་པ་ཞེས་བྱ་བ་དེ་ཡིན་ནོ།། རྒྱུ་མཚན་དེས་ན་ལྟ་བ་གཏན་ལ་འབེབས་པའི་ཚེ་ལུང་རིགས་རྣམས་ལ་སྦྱོང་བའི་ངལ་བ་མང་དུ་བྱེད་པ་ནི་འདི་ཡིན་དང་འདི་མིན་མང་པོའི་ཐ་སྙད་པའི་ཚིག་ཙམ་ཞིག་ལ་འབྱམས་ཤིང་འགྲམས་པའོ་ཞེས་སྨྲའོ།།
tib. p. 77704
消文紀錄——
又彼學者,有作是念:此外,那些自許為中觀應成派的有些人這樣認為:「……。」
若多觀察二我相執之境,其次乃斷能執之心:如果對人法二我相執心的耽著境多作觀察,然後就能夠斷除能執耽著境的心。
如犬逐石是名由外斷截戲論:就好像狗追逐拋擲出去的石子一樣,這種情形稱作『由外截斷戲論。』
故從最初持心不散,如犬逐咬擲石之手:所以,如果一開就能令心收攝不散,就好像狗追咬抛擲石子的手。
由修彼故,於相執境令心不散,一切戲論自內斷截:因為修持心向內收攝的緣故,能令自心不隨相執境而散亂,這種情形就稱作『由內截斷一切戲論。』
故學教理決擇正見,唯於名言漂流隨轉:所以,修學決擇正見的教理,只是在名言文字上打轉罷了!
我對這段本文之理解——
這段本文敘述自許中觀應成派的某些人之邪說。