標籤
2017/03/31
論之本文――p. 51411
昔諸智者說以理智於現有法唯遮自性生滅等空,名如虛空空性,次性雖空現似有性色等顯現,名如幻空性。
p. 51412
tib. p. 74216
ཇལྔ་པ་སྔོན་གྱི་རྒྱ་བོད་མཁས་པས་སྟོང་ཉིད་མེད་དགག་ལ་ནམ་མཁའ་ལྟ་བུ་དང་རང་བཞིན་མེད་ཀྱང་སྣང་བ་འཆར་བ་ལ་སྒྱུ་མ་ལྟར་གསུངས་ཚུལ་དེ་འདྲའི་རིགས་པའི་ཤེས་པས་ཆོས་ཅན་གཟུགས་སོགས་སྣང་བ་ལ་སྐྱེ་འགག་སོགས་ཀྱི་རང་ངོས་ནས་གྲུབ་པའི་རང་བཞིན་རྣམ་པར་བཅད་པ་ཙམ་ཞིག་གང་ཟག་དེ་ལ་ཤར་གྱི་སྣང་བའི་ཆ་མི་འཆར་བའི་སྐབས་ཀྱི་སྟོང་པ་རྐྱང་པ་ལ་ནམ་མཁའ་ལྟ་བུའི་སྟོང་ཉིད་དང་། དེ་ནས་སྟོང་རྐྱང་ཤར་བ་དེའི་རྗེས་སུ་རང་བཞིན་གྱིས་སྟོང་ཡང་རང་བཞིན་གྱིས་གྲུབ་པ་ཉིད་དུ་སྣང་བའི་གཟུགས་སོགས་ཀྱི་སྣང་བ་ཡང་འཆར་བའི་སྐབས་ཀྱི་སྣང་སྟོང་གཉིས་ཚོགས་དེ་ལ་སྒྱུ་མ་ལྟ་བུའི་སྟོང་ཉིད་ཅེས་སྔོན་གྱི་ཇརྒྱལ་བློན་དུས་ནས་ལོ་པཎ་མཁས་པ་རྣམས་ཀྱིས་ཐ་སྙད་དེ་སྐད་གསུང་ངོ་།། ཇའདི་དུ་མས་བཤད་ཀྱང་དཔེ་ཙམ་བསྟན་ན་ཕྱོགས་གླང་གི་རྣལ་འབྱོར་འཇུག་པར། ཐོག་མ་ཐ་མའི་ཆ་བྲལ་རྣམ་མི་རྟོག །དྲི་མ་མེད་པའི་འོད་ཟེར་སྟོང་གིས་ནི། །མུན་པ་དེས་བསལ་མཁའ་དང་མཚུངས་པ་ཡིན། །ཞེས་དང་། སློབ་དཔོན་ཡེ་ཤེས་སྙིང་པོས་རྣལ་འབྱོར་པ་བསྒོམས་པ་ལས་ལངས་ནས་ཡང་འདི་ལྟར། གལ་ཏེ་དངོས་པོ་འདི་དག་ཐམས་ཅད་སྟོང་པ་ནམ་མཁའ་དང་འདྲ་བའི་མཚན་ཉིད་ཡིན་གྱི་འོན་ཀྱང་དེ་ནི་སྒྱུ་མ་དང་རྨི་ལམ་ལ་སོགས་པ་དང་འདྲ་བ་ཞེས་དང་། སློབ་དཔོན་ནག་པོ་ཞབས་ཀྱི་ལུས་སྦྱངས་ལས། དེ་ལྟར་ལུས་ལ་རྣམ་པར་དཔྱད་ན་ནམ་མཁའ་དང་འདྲ་བར་བསྒོམ་མོ་ནས། དེའི་ཚེ་ཐམས་ཅད་ནམ་མཁའི་ངོ་བོར་གནས་སོ།། ཞེས་པ་ནས། བདེ་བ་སྒྱུ་མ་ལྟ་བུར་དཔྱད་དོ་ཞེས་དང་། ཇོ་བོ་ལྷ་ཅིག་གི་དབུ་མའི་མན་ངག་ལས། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར། ཞེས་པ་ནས། དེའི་རྗེས་ལས་ཐོབ་པས་ནི་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པར་ཤེས་སོ།། ཞེས་དང་། སྤྱོད་འཇུག་ལས། ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་བཟུང་བར་གྱིས། །ཞེས་གསུངས་པའི་ཕྱིར་དང་།
tib. p. 74220
消文紀錄――
昔諸智者說:往昔的許多智者曾經這樣說。
以理智於現有法唯遮自性生滅等空,名如虛空空性:以理智觀察色等有法,只遮除生滅等自性,這種空性猶如虛空的空性。
次性雖空現似有性色等顯現,名如幻空性:顯現如虛空的空性之後,而似有自性的色等顯現,稱為如幻的空性。
我對這段本文之理解――
這段本文闡述往昔印藏智者認為色等有法雖空如虛空空性,然其似有自性的顯現,名如幻空性。